藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 144a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །དབང་པོ་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །

D8.014.0144a01.01
2

དབང་པོ་རྣམས་མ་འོངས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །དབང་པོ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །སྟོབས་རྣམས་མ་འོངས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །སྟོབས་རྣམས་ད་ལྟར་བྱུང་བ་ཞེས་བྱ་

D8.014.0144a02.01
3

བར་{མྱི་,མི་}སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་འདས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མ་འོངས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །འཕགས་པའི་ལམ་ཡན་ལག་

D8.014.0144a03.01
4

བརྒྱད་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་འོངས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ད་ལྟར་བྱུང་བ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །འཕགས་པའི་བདེན་པ་རྣམས་འདས་པ་ཞེས་བྱ་

D8.014.0144a04.01
5

བར་{མྱི་,མི་}སྦྱོར་རོ། །འཕགས་པའི་བདེན་པ་རྣམས་མ་འོངས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །འཕགས་པའི་བདེན་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་འདས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །བསམ་གཏན་རྣམས་མ་འོངས་པ་ཞེས་བྱ་བར་

D8.014.0144a05.01
6

{མྱི་,མི་}སྦྱོར་རོ། །བསམ་གཏན་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །ཚད་{མྱེད་,མེད་}པ་རྣམས་འདས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །ཚད་{མྱེད་,མེད་}པ་རྣམས་མ་འོངས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །ཚད་མེད་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །གཟུགས་

D8.014.0144a06.01
7

མེད་པའི་སྙོམས་པར་འཇུག་པ་རྣམས་འདས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་འོངས་པ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །

D8.014.0144a07.01