藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8第 14 函 · 德格 188b

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8
返回文本目录:《shes rab kyi pha rol tu phyin pa stong phrag brgya pa/》
德格《甘珠尔》D8藏文原典完整藏文原文 · 德格版页

shes rab kyi pha rol tu phyin pa stong phrag brgya pa/

当前为德格木刻版 188b。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
188b
可引用原文
7 行
全文规模
全经 65909 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 13 函第 14 函 · 德格 188b
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་ནས། ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་འཐོབ་བོ། །ཆོས་ཐམས་ཅད་མཉམ་པ་ཉིད་རབ་ཏུ་ཐོབ་ནས། ཆོས་ཐམས་ཅད་མཉམ་པ་ཉིད་ལ་སེམས་ཅན་ཐམས་ཅད་རབ་ཏུ་འགོད་དོ། །དེ་ནི་ཚེ་འདི་ཉིད་ལ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་སུ་བྱོན་ཅིང་དབེན་པར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཡིད་དུ་འོང་ཞིང་དབེན་པར་བྱ་

བ་ཡིན། །དེ་ནི་སྐྱེ་བ་གང་དང་གང་དུ་སྐྱེས་ཀྱང་། དེ་དང་དེ་དག་ཏུ་ནམ་ཡང་{མྱིག་,མིག་}གིས་ཡིད་དུ་མི་འོང་བའི་གཟུགས་{མྱི་,མི་}མཐོང་ངོ་། །རྣ་བས་ཡིད་དུ་{མྱི་,མི་}འོང་བའི་སྒྲ་{མྱི་,མི་}ཐོས་སོ། །སྣས་ཡིད་དུ་{མྱི་,མི་}འོང་བའི་དྲི་{མྱི་,མི་}ཚོར་རོ། །ལྕེས་ཡིད་དུ་{མྱི་,མི་}འོང་བའི་རོ་{མྱི་,མི་}མྱོང་ངོ་། །ལུས་ཀྱིས་ཡིད་དུ་{མྱི་,མི་}འོང་བའི་རེག་བྱ་{མྱི་,མི་}རེག་གོ །ཡིད་ཀྱིས་ཡིད་དུ་{མྱི་,མི་}འོང་བའི་ཆོས་རྣམ་པར་རིག་པ་{མྱེད་,མེད་}དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམ་པར་{མྱི་,མི་}འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་བསྟན་པའི་ཚེ། དགེ་སློང་སུམ་བརྒྱས་གོས་གྱོན་གྱོན་པ་བཅོམ་ལྡན་འདས་ལ་ཡོན་དུ་གསོལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཞལ་འཛུམ་པ་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་

འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་བཞད་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D8
德格版页
188b
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。