藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 122a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྦྱོར་རོ། །དོན་དམ་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །འདུས་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་བདེའོ་ཞེས་བྱ་

D8.014.0122a01.01
2

བར་མི་སྦྱོར་རོ། །འདུས་མ་བྱས་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བདེའོ་

D8.014.0122a02.01
3

ཞེས་བྱ་བར་མི་སྦྱོར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དོར་བ་མེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་བདེའོ་ཞེས་བྱ་བར་

D8.014.0122a03.01
4

མི་སྦྱོར་རོ། །རང་བཞིན་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །

D8.014.0122a04.01
5

རང་གི་མཚན་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །{མྱི་,མི་}དམིགས་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །{མྱི་,མི་}དམིགས་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་

D8.014.0122a05.01
6

མེད་པ་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དངོས་པོ་{མྱེད་,མེད་}པའི་

D8.014.0122a06.01
7

ངོ་བོ་ཉིད་སྟོང་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །དྲན་པ་ཉེ་བར་གཞག་པ་རྣམས་སྡུག་བསྔལ་ལོ་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །ཡང་དག་པར་སྤོང་བ་རྣམས་བདེའོ་ཞེས་བྱ་བར་མི་སྦྱོར་རོ། །ཡང་དག་

D8.014.0122a07.01