藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 204b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་{མྱིང་,མིང་}ཞེས་བྱ་བར་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་{མྱེད་,མེད་}དེ། །{མྱིང་,མིང་}དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་{མྱེད་,མེད་}

D8.014.0204b01.01
2

པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་ལུས་ཞེས་བྱ་བ་འདི་ནི་{མྱིང་,མིང་}ཙམ་དུ་ཐ་སྙད་ཀྱིས་གདགས་པ་སྟེ། མགོའི་རུས་པ་ཞེས་{མྱིང་,མིང་}དུ་ཐ་སྙད་ཀྱིས་གདགས་པ་དང་། མཇིང་པའི་རུས་པ་ཞེས་{མྱིང་,མིང་}དུ་ཐ་སྙད་ཀྱིས་གདགས་པ་དང་། ཕྲག་

D8.014.0204b02.01
3

པའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། དཔུང་པའི་རུས་པ་ཞེས་{མྱིང་,མིང་}དུ་ཐ་སྙད་ཀྱིས་གདགས་པ་དང་། ཚིགས་པའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། རྩིབ་མའི་རུས་པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། དཔྱིའི་རུས་

D8.014.0204b03.01
4

པ་ཞེས་མིང་དུ་ཐ་སྙད་ཀྱིས་གདགས་པ་དང་། བརླའི་རུས་པ་ཞེས་{མྱིང་,མིང་}དུ་ཐ་སྙད་ཀྱིས་གདགས་པ་དང་། རྗེ་ངར་གྱི་རུས་པ་ཞེས་{མྱིང་,མིང་}དུ་ཐ་སྙད་ཀྱིས་གདགས་པ་དང་། རྐང་པའི་རུས་པ་ཞེས་{མྱིང་,མིང་}དུ་ཐ་སྙད་ཀྱིས་གདགས་པ་དེ་དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་

D8.014.0204b04.01
5

ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། མགོའི་རུས་པ་ཞེས་བྱ་བ་དང་། མཇིང་པའི་རུས་པ་ཞེས་བྱ་བ་དང་། ཕྲག་པའི་རུས་པ་ཞེས་བྱ་བ་དང་། དཔུང་པའི་རུས་པ་ཞེས་བྱ་བ་དང་། ཚིགས་པའི་རུས་པ་ཞེས་བྱ་བ་དང་། རྩིབ་མའི་རུས་པ་ཞེས་བྱ་བ་དང་།

D8.014.0204b05.01
6

དཔྱིའི་རུས་པ་ཞེས་བྱ་བ་དང་། བརླའི་རུས་པ་ཞེས་བྱ་བ་དང་། རྗེ་ངར་གྱི་རུས་པ་ཞེས་བྱ་བ་དང་། རྐང་པའི་རུས་པ་ཞེས་བྱ་བར་{མྱིང་,མིང་}དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་{མྱེད་,མེད་}དེ། {མྱིང་,མིང་}དེ་ནི་ནང་ན་ཡང་{མྱེད,མེད}། ཕྱི་རོལ་ན་ཡང་

D8.014.0204b06.01
7

{མྱེད,མེད}། གཉིས་ཀ་མེད་པར་ཡང་{མྱི་,མི་}དམིགས་སོ། །རབ་འབྱོར་དེ་བཞིན་དུ་གང་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་{མྱིང་,མིང་}དུ་བྱ་བ་དག་ཀྱང་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་

D8.014.0204b07.01