藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 326a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཤེས་པར་བྱ་སྟེ། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་གིས་རློམ་སེམས་སུ་{མྱི་,མི་}བྱའོ། །མི་འཇིགས་པ་བཞི་ཤེས་པར་བྱ་སྟེ། {མྱི་,མི་}འཇིགས་པ་བཞི་པོ་དེ་དག་གིས་རློམ་སེམས་སུ་

D8.014.0326a01.01
2

མི་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཤེས་པར་བྱ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་གིས་རློམ་སེམས་སུ་མི་བྱའོ། །བྱམས་པ་ཆེན་པོ་ཤེས་པར་བྱ་སྟེ། བྱམས་པ་ཆེན་པོ་དེས་རློམ་སེམས་སུ་{མྱི་,མི་}བྱའོ། །སྙིང་རྗེ་ཆེན་པོ་ཤེས་པར་བྱ་སྟེ།

D8.014.0326a02.01
3

སྙིང་རྗེ་ཆེན་པོ་དེས་རློམ་སེམས་སུ་མི་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཤེས་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་པོ་དེ་དག་གིས་རློམ་སེམས་སུ་{མྱི་,མི་}བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་

D8.014.0326a03.01
4

དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། །བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམ་སེམས་སུ་མི་བྱའོ། །མི་མཉམ་པ་དང་མཉམ་པའི་སེམས་ཀྱིས་རློམ་སེམས་སུ་མི་བྱའོ། །རླབས་པོ་ཆེའི་སེམས་ཀྱིས་རློམ་སེམས་སུ་མི་བྱའོ། །

D8.014.0326a04.01
5

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་སེམས་ཀྱི་རང་བཞིན་འོད་གསལ་བ་གང་ཡིན། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་

D8.014.0326a05.01
6

ར་དྭ་ཏིའི་བུ། སེམས་གང་འདོད་ཆགས་དང་ཡང་མི་ལྡན་མ་བྲལ། གཏི་མུག་དང་ཡང་མི་ལྡན་མ་བྲལ། ཞེ་སྡང་དང་ཡང་མི་ལྡན་མ་བྲལ། ཀུན་ནས་ལྡང་བ་དང་ཡང་མི་ལྡན་མ་བྲལ། སྒྲིབ་པ་དང་ཡང་མི་ལྡན་མ་བྲལ། གཅོད་པ་དང་ཡང་མི་ལྡན་

D8.014.0326a06.01
7

མ་བྲལ། བག་ལ་ཉལ་བ་དང་ཡང་མི་ལྡན་མ་བྲལ། ཀུན་ཏུ་སྦྱོར་བ་དང་ཡང་མི་ལྡན་མ་བྲལ། ལྟ་བའི་རྣམ་པ་དང་ཡང་མི་ལྡན་མ་བྲལ། ཉན་ཐོས་དང་ཡང་མི་ལྡན་མ་བྲལ། རང་སངས་རྒྱས་དང་ཡང་མི་ལྡན་མ་བྲལ་བ་འདི་ནི། ཚེ་དང་ལྡན་པ་ཤ་ར་དྭ་

D8.014.0326a07.01