shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 184a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 184a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 14 函 · 德格 184a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་སྐྱིལ་མོ་ཀྲུང་གིས་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མྱེར་འབར་ཏེ། དཔེར་ན་{མྱེའི་,མེའི་}ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ་འདི་ལྟར་མཐུ་ཆེ་ཞིང་འདི་ལྟར་དབང་ཆེ་བ་དག་ཀྱང་ལག་པས་
བྱུགས་ཤིང་ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་ཏེ། རྫུ་འཕྲུལ་དེས་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར་དེས་རྫུ་འཕྲུལ་གང་གིས་རློམ་སེམས་སུ་འགྱུར་བའི་རྫུ་འཕྲུལ་དེ་ལྟ་བུ་{མྱི་,མི་}དམིགས་ཏེ། དེ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མ་གཏོགས་པར་རྫུ་འཕྲུལ་ལམ་རྫུ་འཕྲུལ་མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་མི་སྐྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྣམ་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། དེ་ལྷའི་རྣ་བའི་ཁམས་རྣམ་པར་དག་པ་{མྱི་,མི་}ལས་འདས་པས་ལྷ་དང་{མྱི་,མི་}གཉིས་ཀའི་སྒྲ་ཐོས་ཏེ།ལྷའི་རྣ་བའི་ཁམས་དེས་བདག་ནི་སྒྲ་ཉན་ཅེས་བྱ་བར་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་དེས་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར། རྣ་བ་དང་སྒྲར་{དམྱིགས་,དམིགས་}པ་{མྱེད་,མེད་}དོ། དེ་ཐམས་ཅད་མཁྱེན་པ་
ཉིད་ཡིད་ལ་བྱ་བ་མ་གཏོགས་པར་ལྷའི་རྣ་བའི་ཁམས་ལ་བསམ་པ་ཙམ་ཡང་{མྱི་,མི་}སྐྱེད་དོ། །དེ་ལྟར་ན་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལྷའི་རྣ་བའི་ཁམས་མངོན་དུ་བྱ་བའི་མངོན་པར་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 184a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。