完整藏文原文 · 德格版页 当前仅加载第 14 函德格 378b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚོར་བ་{མྱི་,མི་}རྟག་གོ་ཞེས་བགྱི་བར་གནས་པར་{མྱི་,མི་}བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་ཤེས་{མྱི་,མི་}རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་
D8.014.0378b01.01སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འདུ་ཤེས་{མྱི་,མི་}རྟག་པ་ཉིད་འདུ་ཤེས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། འདུ་ཤེས་{མྱི་,མི་}རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་འདུ་ཤེས་{མྱི་,མི་}རྟག་པ་ཉིད་མ་ལགས། འདུ་ཤེས་{མྱི་,མི་}རྟག་པ་ཉིད་ལས་གུད་ན་ཡང་
D8.014.0378b02.01སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་{མྱི་,མི་}རྟག་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདུ་ཤེས་{མྱི་,མི་}རྟག་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།
D8.014.0378b03.01འདུ་ཤེས་{མྱི་,མི་}རྟག་གོ་ཞེས་བགྱི་བར་གནས་པར་{མྱི་,མི་}བགྱིའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་བྱེད་མི་རྟག་གོ་
D8.014.0378b04.01ཞེས་བགྱི་བར་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འདུ་བྱེད་{མྱི་,མི་}རྟག་པ་ཉིད་འདུ་བྱེད་{མྱི་,མི་}རྟག་པ་ཉིད་ཀྱིས་སྟོང་སྟེ། འདུ་བྱེད་{མྱི་,མི་}རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་འདུ་བྱེད་མི་རྟག་པ་ཉིད་མ་ལགས། འདུ་བྱེད་
D8.014.0378b05.01{མྱི་,མི་}རྟག་པ་ཉིད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་{མྱི་,མི་}རྟག་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདུ་བྱེད་མི་རྟག་པ་ཉིད་དོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་
D8.014.0378b06.01ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་བྱེད་{མྱི་,མི་}རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱིའོ། །དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཤེས་པ་{མྱི་,མི་}རྟག་གོ་ཞེས་བགྱི་བར་གནས་པར་{མྱི་,མི་}བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་
D8.014.0378b07.01