完整藏文原文 · 德格版页 当前仅加载第 15 函德格 344a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མེད་པར། ལུས་རང་གི་མཚན་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ་སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
D8.015.0344a01.01པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། ལུས་མི་དམིགས་པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་
D8.015.0344a02.01སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། ལུས་དངོས་པོ་{མྱེད་,མེད་}པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་དངོས་པོ་མེད་པ་སྟོང་
D8.015.0344a03.01པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། ལུས་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།
D8.015.0344a04.01དམིགས་པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མེད་པར། ལུས་དངོས་པོ་
D8.015.0344a05.01{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། དམིགས་པའི་ཚུལ་གྱིས་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་དམིགས་ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་
D8.015.0344a06.01ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་
D8.015.0344a07.01