完整藏文原文 · 德格版页 当前仅加载第 15 函德格 49a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
D8.015.0049a01.01པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་ཀྱི་གནས་ཉིད་ནི་ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་
D8.015.0049a02.01ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆོས་སྐྱོན་{མྱེད་,མེད་}པ་ཉིད་ནི་ཆོས་སྐྱོན་{མྱེད་,མེད་}པ་ཉིད་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་
D8.015.0049a03.01དག་པའི་མཐའ་ནི་ཡང་དག་པའི་མཐའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེའི་ཕྱིར་བྱང་ཆུབ་
D8.015.0049a04.01སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ།། །།ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་བཞི་པ། །སྨྲས་པ། ཚེ་དང་
D8.015.0049a05.01ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚོར་བའི་རང་བཞིན་ནི་ཇི་ལྟ་བུ། འདུ་ཤེས་ཀྱི་རང་བཞིན་ནི་ཇི་ལྟ་བུ། འདུ་བྱེད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། {མྱིག་,མིག་}གི་རང་བཞིན་ནི་ཇི་ལྟ་བུ། རྣ་བའི་རང་
D8.015.0049a06.01བཞིན་ནི་ཇི་ལྟ་བུ། སྣའི་རང་བཞིན་ནི་ཇི་ལྟ་བུ། ལྕེའི་རང་བཞིན་ནི་ཇི་ལྟ་བུ། ལུས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཡིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། སྒྲའི་རང་བཞིན་ནི་ཇི་ལྟ་བུ། དྲིའི་རང་བཞིན་ནི་ཇི་ལྟ་བུ།
D8.015.0049a07.01