完整藏文原文 · 德格版页 当前仅加载第 15 函德格 190b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཕ་རོལ་ཏུ་ཕྱིན་པ། མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྫུ་འཕྲུལ་གྱི་
D8.015.0190b01.01རྐང་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། དབང་པོ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྟོབས་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་མི་དམིགས་སོ། །
D8.015.0190b02.01ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། འཕགས་པའི་བདེན་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བསམ་གཏན་རྣམས་མི་དམིགས་
D8.015.0190b03.01སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཚད་མེད་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཐར་པ་རྣམས་མི་དམིགས་སོ། །ཤིན་ཏུ་
D8.015.0190b04.01རྣམ་པར་དག་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་མངོན་
D8.015.0190b05.01པར་ཤེས་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏིང་ངེ་འཛིན་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུངས་ཀྱི་སྒོ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། དེ་བཞིན་གཤེགས་པའི་སྟོབས་རྣམས་མི་
D8.015.0190b06.01དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་མི་འཇིགས་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སོ་སོ་ཡང་དག་པར་རིག་པ་རྣམས་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བྱམས་པ་ཆེན་པོ་མི་དམིགས་སོ། །ཤིན་ཏུ་རྣམ་པར་
D8.015.0190b07.01