藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 15 函德格 61b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱང་ཆུབ་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །རྣམ་པ་ཐམས་ཅད་

D8.015.0061b01.01
2

མཁྱེན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་བཞིན་ཉིད་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་{མྱི་,མི་}

D8.015.0061b02.01
3

དམིགས་སོ། །མ་ནོར་བ་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །གཞན་མ་ཡིན་པ་དེ་བཞིན་ཉིད་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་

D8.015.0061b03.01
4

བ་ཡང་མི་དམིགས་སོ། །ཆོས་ཉིད་ཆོས་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །ཆོས་ཀྱི་དབྱིངས་ཆོས་ཀྱི་དབྱིངས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །ཆོས་ཀྱི་གནས་ཉིད་

D8.015.0061b04.01
5

ཆོས་ཀྱི་གནས་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །ཆོས་སྐྱོན་མེད་པ་ཉིད་ཆོས་སྐྱོན་མེད་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །ཡང་དག་པའི་མཐའ་ཡང་དག་

D8.015.0061b05.01
6

པའི་མཐས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་

D8.015.0061b06.01
7

ཉེ་བ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ལུས་

D8.015.0061b07.01