藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 15 函德格 277a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལྕེའི་རྣམ་པར་ཤེས་པ་མཚན་མ་{མྱེད་,མེད་}ཅེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་

D8.015.0277a01.01
2

སུ་སྔོར་མི་འཇུག་པའོ། །གང་དེ་ལ་ལུས་ཀྱི་རྣམ་པར་ཤེས་པ་མཚན་མ་མེད་ཅེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་

D8.015.0277a02.01
3

ཀྱི་སར་ཡོངས་སུ་སྔོར་{མྱི་,མི་}འཇུག་པའོ། །གང་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཚན་མ་{མྱེད་,མེད་}ཅེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ།

D8.015.0277a03.01
4

རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་{མྱི་,མི་}འཇུག་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི། །གང་དེ་ལ་{མྱིག་,མིག་}གི་རྣམ་པར་ཤེས་པ་སྨོན་པ་{མྱེད་,མེད་}ཅེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་སྟོན་ཅིང་། དགེ་

D8.015.0277a04.01
5

བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་{མྱི་,མི་}འཇུག་པའོ། །གང་དེ་ལ་རྣ་བའི་རྣམ་པར་ཤེས་པ་སྨོན་པ་{མྱེད་,མེད་}ཅེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་སྟོན་ཅིང་

D8.015.0277a05.01
6

དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྡོར་{མྱི་,མི་}འཇུག་པའོ། །གང་དེ་ལ་སྣའི་རྣམ་པར་ཤེས་པ་སྨོན་པ་{མྱེད་,མེད་}ཅེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་སྟོན་ཅིང་

D8.015.0277a06.01
7

དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་སྔོར་{མྱི་,མི་}འཇུག་པའོ། །གང་དེ་ལ་ལྕེའི་རྣམ་པར་ཤེས་པ་སྨོན་པ་{མྱེད་,མེད་}ཅེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་སྟོན་ཅིང་།

D8.015.0277a07.01