完整藏文原文 · 德格版页 当前仅加载第 15 函德格 3a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་{མྱི་,མི་}མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རང་བཞིན་སྟོང་པ་ཉིད་ལ་གནས་ན། དེ་རང་བཞིན་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་
D8.015.0003a01.01ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། ཆོས་ཐམས་ཅད་
D8.015.0003a02.01སྟོང་པ་ཉིད་ལ་གནས་ན། དེ་ཆོས་ཐམས་ཅད་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
D8.015.0003a03.01སྤྱོད་པའི་ཚེ། ཐབས་{མྱི་,མི་}མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་ན། དེ་རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}
D8.015.0003a04.01སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་{མྱི་,མི་}མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ལ་གནས་
D8.015.0003a05.01ན། དེ་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་{མྱི་,མི་}མཁས་པས་
D8.015.0003a06.01བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ལ་གནས་ན། དེ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་{མྱི་,མི་}སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་
D8.015.0003a07.01