藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 15 函德格 188a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པའི་ཚུལ་གྱིས་སློབ་བོ། །ཡང་དག་པར་སྤོང་བ་རྣམས་ལ་{མྱི་,མི་}དམིགས་པའི་ཚུལ་གྱིས་སློབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་{མྱི་,མི་}དམིགས་པའི་ཚུལ་གྱིས་སློབ་བོ། །དབང་པོ་རྣམས་ལ་{མྱི་,མི་}དམིགས་པའི་ཚུལ་གྱིས་སློབ་བོ། །

D8.015.0188a01.01
2

སྟོབས་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །འཕགས་པའི་བདེན་པ་རྣམས་ལ་མི་

D8.015.0188a02.01
3

{དམྱིགས་,དམིགས་}པའི་ཚུལ་གྱིས་སློབ་བོ། །བསམ་གཏན་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །ཚད་མེད་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །

D8.015.0188a03.01
4

རྣམ་པར་ཐར་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་{མྱི་,མི་}དམིགས་པའི་ཚུལ་གྱིས་སློབ་བོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་མེད་པ་ལ་མི་

D8.015.0188a04.01
5

དམིགས་པའི་ཚུལ་གྱིས་སློབ་བོ། །མངོན་པར་ཤེས་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །ཏིང་ངེ་འཛིན་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །གཟུངས་ཀྱི་སྒོ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །དེ་བཞིན་

D8.015.0188a05.01
6

གཤེགས་པའི་སྟོབས་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །མི་འཇིགས་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །བྱམས་པ་ཆེན་པོ་ལ་མི་དམིགས་པའི་

D8.015.0188a06.01
7

ཚུལ་གྱིས་སློབ་བོ། །སྙིང་རྗེ་ཆེན་པོ་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་

D8.015.0188a07.01