藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 15 函德格 246b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། གཟུགས་དབེན་པའི་

D8.015.0246b01.01
2

རྣམ་པར་རྟོགས་པར་བྱེད་དེ། དེ་{མྱི་,མི་}{དམྱིགས་,དམིགས་}སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚོར་བ་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་{མྱི་,མི་}དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་

D8.015.0246b02.01
3

ཤེས་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། འདུ་བྱེད་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་

D8.015.0246b03.01
4

ཡིད་ལ་བྱ་བས། རྣམ་པར་ཤེས་པ་དབེན་པའི་རྣམ་པར་རྟོགས་པར་བྱེད་དེ། དེ་{མྱི་,མི་}{དམྱིགས་,དམིགས་}སོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ།། །།

D8.015.0246b04.01
5

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་{བཅྭོ་,བཅོ་}བརྒྱད་པ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟོག་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཐམས་ཅད་ལ་གཟུགས་{མྱི་,མི་}རྟག་ཅེས་

D8.015.0246b05.01
6

བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་སྡུག་བསྔལ་ཞེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་བདག་མེད་ཅེས་བྱ་བར་དེ་{མྱི་,མི་}དམིགས་པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་ཞེ་ཞེས་བྱ་བར་དེ་{མྱི་,མི་}

D8.015.0246b06.01
7

{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་སྟོང་ཞེས་བྱ་བར་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་མཚན་མ་མེད་ཅེས་བྱ་བར་དེ་མི་{དམྱིགས་,དམིགས་}པའི་ཚུལ་གྱིས་ཆོས་བསྟན་ཏོ། །གཟུགས་སྨོན་པ་{མྱེད་,མེད་}ཅེས་བྱ་བར་དེ་{མྱི་,མི་}

D8.015.0246b07.01