藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 15 函德格 61a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མངོན་པར་ཤེས་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་{མྱི་,མི་}{དམྱིགས་,དམིགས་}འབྱུང་བ་ཡང་མི་{དམྱིགས་,དམིགས་}སོ། །ཏིང་ངེ་འཛིན་རྣམས་ཏིང་ངེ་འཛིན་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་{དམྱིགས་,དམིགས་}སོ།

D8.015.0061a01.01
2

གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་{མྱི་,མི་}{དམྱིགས་,དམིགས་}འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་

D8.015.0061a02.01
3

ཡང་མི་དམིགས་འབྱུང་བ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །མི་འཇིགས་པ་རྣམས་མི་འཇིགས་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་མི་དམིགས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་

D8.015.0061a03.01
4

སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །བྱམས་པ་ཆེན་པོ་བྱམས་པ་ཆེན་པོས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །སྙིང་རྗེ་ཆེན་པོ་སྙིང་རྗེ་ཆེན་པོས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་{དམྱིགས་,དམིགས་}

D8.015.0061a04.01
5

འབྱུང་བ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་{མྱི་,མི་}དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་

D8.015.0061a05.01
6

རྒྱུན་ཏུ་ཞུགས་པའི་འབྲས་བུས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་{མྱི་,མི་}{དམྱིགས་,དམིགས་}འབྱུང་བ་ཡང་མི་དམིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལན་ཅིག་ཕྱིར་འོང་བའི་འབྲས་བུས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་{མྱི་,མི་}དམིགས་སོ། །ཕྱིར་མི་

D8.015.0061a06.01
7

འོང་བའི་འབྲས་བུ་ཕྱིར་མི་འོང་བའི་འབྲས་བུས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས་འབྱུང་བ་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །དགྲ་བཅོམ་པ་ཉིད་དགྲ་བཅོམ་པ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་{མྱི་,མི་}{དམྱིགས་,དམིགས་}འབྱུང་བ་ཡང་མི་དམིགས་སོ། །རང་བྱང་ཆུབ་རང་

D8.015.0061a07.01