shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 34a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 34a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 15 函 · 德格 34a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文པའི་སླད་དུ། དགྲ་བཅོམ་པ་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། རང་བྱང་ཆུབ་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། དེ་བཞིན་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་།
ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མ་ནོར་བ་དེ་བཞིན་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། གཞན་མ་ཡིན་པ་དེ་བཞིན་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཆོས་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཆོས་ཀྱི་དབྱིངས་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ།
ཆོས་ཀྱི་གནས་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཆོས་སྐྱོན་{མྱེད་,མེད་}པ་ཉིད་ཡོངས་སུ་{མྱི་,མི་}འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ཡང་དག་པའི་མཐའ་ཡོངས་སུ་{མྱི་,མི་}འཛིན་པ་འདི་ནི། ཕ་རོལ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་
པ། འོན་ཀྱང་སྨོན་ལམ་ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་{མྱི་,མི་}འདའ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མ་རྫོགས། ཡང་དག་པར་སྤོང་བ་བཞི་ཡོངས་སུ་མ་རྫོགས། རྫུ་འཕྲུལ་གྱི་རྐང་པ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 34a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。