藏传佛教 · 德格甘珠尔 · 经部

德格《甘珠尔》D340第 73 函 · 德格 34b

las brgya tham pa pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D340
返回文本目录:《las brgya tham pa pa/》
德格《甘珠尔》D340藏文原典完整藏文原文 · 德格版页

las brgya tham pa pa/

当前为德格木刻版 34b。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
34b
可引用原文
7 行
全文规模
全经 6092 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 2 函第 73 函 · 德格 34b
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །བདེ་བྱེད་མ་དེ་ལྟར་རབ་ཏུ་བྱུང་ནས་རྒྱལ་པོའི་བུ་དེས་བསམས་པ། བུད་མེད་ཀྱིས་ཀྱང་འདི་ལྟ་བུའི་ཆོས་རྟོགས་པར་འགྱུར་ན། མ་ལ་བདག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་གོར་མ་ཆག་སྙམ་དུ་བསམས་ནས་དེས་ཀྱང་ཕ་མ་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་

ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ། བུ་མོ་བདེ་བྱེད་མ་དང་རྒྱལ་པོའི་བུ་དེས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། འདི་གཉིས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་

དབང་ལས་གྱུར་ཏོ། །བཙུན་པ་འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་བཱ་རཱ་ཎ་སཱི་ན། ཁྱིམ་བདག་ཕྱུག་ཅིང་

ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས། དེ་གཉིས་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D340
德格版页
34b
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0340 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。