藏传佛教 · 德格甘珠尔 · 经部

德格《甘珠尔》D99

'phags pa bcom ldan 'das kyi ye shes rgyas pa'i mdo sde rin po che mtha' yas pa mthar phyin pa zhes bya ba theg pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D99

完整藏文原文 · 德格版页 当前仅加载第 47 函德格 40a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཤེགས་པ་འདོད་པའི་ཁམས་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་དག་ཏུ་ལན་གསུང་སྟེ། དེའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ན་དེ་བཞིན་

D99.047.0040a01.01
2

གཤེགས་པས་ཆོས་ཀྱི་དབྱིངས་བླ་ན་མེད་པ་ཤིན་ཏུ་ཐུགས་སུ་ཆུད་པར་མཛད་དེ། ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་གང་འདོད་པའི་ཁམས་ཤེས་པ་དེ་ལ་ཞུ་བ་ཞུས་པའི་སྤོབས་པ་ཟད་མི་ཤེས་སོ། །ཁྱིམ་བདག་དེ་ལྟ་བས་ན་འདིར་གང་གིས་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་

D99.047.0040a02.01
3

པ་དེ་ནི་ཙན་དན་གྱི་ཁྱམས་དང་ཁང་{བཟངས་ཀྱི་,བཟང་གི་}བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་

D99.047.0040a03.01
4

མཁྱེན་ཏེ། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ནས། འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པ་དང་། ཁྱིམ་བདག་གཞན་ཡང་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། རྒྱུ་གང་དང་རྐྱེན་གང་དག་གིས་འདོད་པའི་

D99.047.0040a04.01
5

ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་ཡང་དག་པར་འགྲུབ་པའི་རྒྱུ་དེ་དང་རྐྱེན་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གལ་ཏེ་མི་རྟག་པར་རྗེས་སུ་ལྟ་བར་གནས་པ་ནས། གལ་ཏེ་ཕྱིར་རྒོལ་བར་རྗེས་སུ་ལྟ་བར་གནས་པའི་བར་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་

D99.047.0040a05.01
6

མཁྱེན་ཏོ། །དེ་བཞིན་གཤེགས་པ་འདོད་པའི་ཁམས་ཤེས་པ་ཀུན་འབྱུང་བ་ཤེས་པ་དེ་ལ་ཡང་ཞུ་བ་ཞུས་པ་ན། བསྐལ་པར་ལན་གསུང་བ་ནས། དེ་ནི་ཙན་དན་གྱི་ཁྱམས་དང་ཁང་{བཟངས་ཀྱི་,བཟང་གི་}བར་འདི་ལ་ལོངས་སྤྱོད་པར་འགྱུར་རོ། །ཁྱིམ་བདག་ཇི་ལྟར་ན་དེ་བཞིན་གཤེགས་པས་འདོད་པའི་

D99.047.0040a06.01
7

ཁམས་ཤེས་པ་འགོག་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེ་ན། ཁྱིམ་བདག་འདི་ལ་དེ་བཞིན་གཤེགས་པས་འདི་ལྟར་རབ་ཏུ་མཁྱེན་ཏེ། སེམས་ཅན་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱས་ཤིང་། དོན་མ་ཡིན་པ་བཟློག་ལ། སྣང་བ་བྱས་ཤིང་མུན་པ་བསལ་ཏེ། སེམས་ཅན་

D99.047.0040a07.01