藏传佛教 · 德格甘珠尔 · 宝积

德格《甘珠尔》D53第 40 函 · 德格 171a

'phags pa chos bcu pa zhes bya ba theg pa chen po'i · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D53
返回文本目录:《'phags pa chos bcu pa zhes bya ba theg pa chen po'i》
德格《甘珠尔》D53藏文原典完整藏文原文 · 德格版页

'phags pa chos bcu pa zhes bya ba theg pa chen po'i

当前为德格木刻版 171a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
171a
可引用原文
7 行
全文规模
全经 288 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函页目录第 40 函 · 德格 171a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

གཤེགས་པས་གསུངས་པའི་ཆོས་ཚིག་གཅིག་ཙམ་གྱི་ཕྱིར་ཡང་བསྐལ་བ་འམ། བསྐལ་བ་ལས་ལྷག་པར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་གནས་པར་སྤྲོའོ་སྙམ་པ་དེ་ལྟ་བུའི་སེམས་སྐྱེ་བར་འགྱུར་ཞིང་དེ་དེ་ལྟར་ཡིད་ཡོངས་སུ་སྐྱོ་བ་མེད་པས་ན་བསྒྲིམ་མི་དགོས་པ་ཁོ་ནར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་སྒྲུབ་པར་བྱེད་ཅིང་སངས་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ཀྱང་ཐོབ་པར་བྱེད་པ་ཡིན་ཏེ། རིགས་ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་འདོད་པ་ཡིན་ནོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་

བཅད་པ་འདི་དག་བཀའ་སྩལ་ཏོ། །རྒྱལ་བའི་སྲས་པོ་ཤེས་རབ་ཆེ། །ཆོས་འདོད་པར་ནི་གྱུར་པ་རྣམས། །དམ་ཆོས་ཡོངས་སུ་ཚོལ་བ་ན། །སྐྱོ་བ་སྐྱེད་པར་མི་བྱེད་དོ། །གུས་བས་དམ་ཆོས་ཡོངས་ཚོལ་བའི། །རྒྱལ་བའི་ཐུགས་ལས་སྐྱེས་པ་རྣམས། །སེམས་ཀྱིས་འཛིན་པར་བྱེད་པ་དང་། །ནན་ཏན་གྱིས་ནི་སྒྲུབ་པ་ཡིན། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་ཉེ་བར་རྟོག་པར་བྱེད་པ་ཡིན་ཞེ་ན། །རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་འདི་ལྟར་ཉེ་བར་རྟོག་པར་བྱེད་དེ། ཆོས་ཐམས་ཅད་ནི་བྱིས་པ་སོ་སོའི་སྐྱེ་བོ་ཀུན་

ཏུ་རྨོངས་པར་བྱེད་པའི་ཕྱིར་སྒྱུ་མ་ལྟ་བུའོ། །ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་པའི་ཕྱིར་རྨི་ལམ་ལྟ་བུའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་ཆུ་ཟླ་ལྟ་བུའོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པའི་ཕྱིར་མིག་ཡོར་ལྟ་བུའོ། །ཆོས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་དུ་བརྟགས་པའི་ཕྱིར་གཟུགས་བརྙན་ལྟ་བུའོ། །ཆོས་ཐམས་ཅད་ནི་བྱུང་ནས་འཇིག་ཅིང་འཇུ་བའི་ཕྱིར་བྲག་ཅ་ལྟ་བུའོ། །ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་བྱུང་ནས་འཇིག་ཅིང་འཇུ་བ་ཡིན་ནོ། །ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ལ་ཡང་དག་པར་

གཞོལ་བའི་ཕྱིར་མ་སྐྱེས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་མ་སྐྱེས་པའི་ཕྱིར་མ་འགགས་པ་ཡིན་ནོ། །ཆོས་ཐམས་ཅད་ནི་བྱེད་པ་པོ་མེད་པའི་ཕྱིར་བཅོས་མ་མ་ཡིན་ནོ། །ཆོས་ཐམས་ཅད་ནི་གོས་པ་མེད་པའི་ཕྱིར་ནམ་མཁའ་ལྟ་བུ་ཡིན་ནོ། །ཆོས་ཐམས་ཅད་ནི་རང་བཞིན་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D53
德格版页
171a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0053 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。