完整藏文原文 · 德格版页 当前仅加载第 21 函德格 353a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལ་བརྩོན་པར་བགྱིད་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་བཞི་ལ་བརྩོན་པར་བགྱིད་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་
D8.021.0353a01.01པོ་ལ་བརྩོན་པར་བགྱིད་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་ལ་བརྩོན་པར་བགྱིད་པ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}
D8.021.0353a02.01བརྒྱད་ལ་བརྩོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལྟར་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ལེགས་སོ་
D8.021.0353a03.01ལེགས་སོ། །ཀཽ་ཤི་ཀ་ཁྱོད་ཀྱི་སྤོབས་པ་འདི་ཡང་སངས་རྒྱས་ཀྱི་བྱིན་ཀྱིས་བྱུང་ངོ་། །ཀཽ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་
D8.021.0353a04.01ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་བཞི་པ། །ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་
D8.021.0353a05.01གཟུགས་ལ་{མྱི་,མི་}གནས་པ་དེའི་ཚེ། གཟུགས་ལ་བརྩོན་པར་བྱེད་དོ། །ཚོར་བ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་ཚོར་བ་ལ་{མྱི་,མི་}གནས་པ་དེའི་ཚེ། ཚོར་བ་ལ་བརྩོན་པར་བྱེད་དོ། །འདུ་ཤེས་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་འདུ་ཤེས་ལ་{མྱི་,མི་}
D8.021.0353a06.01གནས་པ་དེའི་ཚེ། འདུ་ཤེས་ལ་བརྩོན་པར་བྱེད་དོ། །འདུ་བྱེད་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་འདུ་བྱེད་ལ་{མྱི་,མི་}གནས་པ་དེའི་ཚེ། འདུ་བྱེད་ལ་བརྩོན་པར་བྱེད་དོ། །རྣམ་པར་ཤེས་པ་ལ་{མྱི་,མི་}གནས་ཏེ། གང་གི་ཚེ་རྣམ་པར་ཤེས་པ་ལ་{མྱི་,མི་}
D8.021.0353a07.01