shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 187a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 187a
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 21 函 · 德格 187a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文འཇིགས་པ་རྣམས་སུ་འདུ་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་སུ་འདུ་ཤེས་པ་དང་། བྱམས་པ་ཆེན་པོར་འདུ་ཤེས་པ་དང་། སྙིང་རྗེ་ཆེན་པོར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དུ་འདུ་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་འདུ་ཤེས་པར་གྱུར་ཏེ། སངས་རྒྱས་ལ་བསྐྱེད་པའི་དགེ་བའི་རྩ་བ་དག་ཏུ་འདུ་ཤེས་ནས། དགེ་བའི་རྩ་བ་དེ་དག་མངོན་པར་བསྡུས་ཏེ་གཅིག་ཏུ་བརྟུལ་ནས་བླ་ན་{མྱེད་,མེད་}པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་ཡོངས་སུ་བསྔོ་བ་དེར་ཡང་འདུ་ཤེས་པ་དེ་དག་ནི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱི་ཆགས་པ་སྟེ། ཆགས་པ་དེ་དག་ལ་ཆགས་པར་གྱུར་ན།ཆགས་པ་{མྱེད་,མེད་}པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་{མྱི་,མི་}ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཀཽ་ཤི་ཀ་གཟུགས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །ཚོར་བའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །འདུ་ཤེས་ཀྱི་རང་བཞིན་
ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །འདུ་བྱེད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །རྣམ་པར་ཤེས་པའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །{མྱིག་,མིག་}གི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །རྣ་བའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །སྣའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །ལྕེའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །ལུས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །ཡིད་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ། །གཟུགས་ཀྱི་རང་བཞིན་
ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །སྒྲའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །དྲིའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །རོའི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །རེག་གི་རང་བཞིན་ཡོངས་སུ་བསྔོ་བར་{མྱི་,མི་}ནུས་སོ། །ཆོས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 187a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。