藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 21 函德格 332b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལམ་ཡན་ལག་བརྒྱད་པ་ཡོངས་སུ་དག་པའོ། །རབ་འབྱོར་འཕགས་པའི་བདེན་པ་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་འཕགས་པའི་བདེན་པ་ཡོངས་སུ་དག་པའོ། །

D8.021.0332b01.01
2

བསམ་གཏན་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་བསམ་གཏན་ཡོངས་སུ་དག་པའོ། །ཚད་{མྱེད་,མེད་}པ་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་

D8.021.0332b02.01
3

མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་ཚད་{མྱེད་,མེད་}པ་ཡོངས་སུ་དག་པའོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་གཟུགས་

D8.021.0332b03.01
4

{མྱེད་,མེད་}པའི་སྙོམས་པར་འཇུག་པ་ཡོངས་སུ་དག་པའོ། །རྣམ་པར་ཐར་པ་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་རྣམ་པར་ཐར་པ་ཡོངས་སུ་དག་པའོ། །མཐར་ཀྱིས་

D8.021.0332b04.01
5

གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ཡོངས་སུ་དག་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་

D8.021.0332b05.01
6

ཉིད་དང་། མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡོངས་སུ་དག་

D8.021.0332b06.01
7

པའོ། །མངོན་པར་ཤེས་པ་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་དང་། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་མངོན་པར་ཤེས་པ་ཡོངས་སུ་དག་པའོ། །ཏིང་ངེ་འཛིན་རྣམས་ལ་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}

D8.021.0332b07.01