shes rab kyi pha rol tu phyin pa stong phrag brgya pa/
当前为德格木刻版 337b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 337b
- 可引用原文
- 7 行
- 全文规模
- 全经 65909 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函目录 · 13 函第 21 函 · 德格 337b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་{མྱི་,མི་}འོང་པ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ། །དེ་བས་ན་དེ་ལ་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་དེ་ལ་ནི་ཆོས་གང་ཡང་སྐྱེ་བ་འམ་འགག་པ་འམ། ཀུན་ནས་ཉོན་མོངས་
པ་འམ། རྣམ་པར་བྱང་བ་འམ། ཡོངས་སུ་གཟུང་བ་འམ་དོར་བ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྐྱེ་བ་འམ་འགག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་འམ་ཡོངས་སུ་གཟུང་བ་འམ་དོར་བར་བྱ་བའི་ཆོས་དེ་ལྟ་བུ་{མྱེད་,མེད་}དོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་འདི་ལ་ནི་དགེ་བ་འམ་{མྱི་,མི་}དགེ་བ་འམ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་འམ། ཟག་པ་དང་བཅས་པ་འམ་ཟག་པ་{མྱེད་,མེད་}པ་འམ། འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་གང་ཡང་
{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །རབ་འབྱོར་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ལ་ནི་ཆོས་གང་གིས་ཀྱང་འགོ་བ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་འགོ་བར་འགྱུར་བའི་ཆོས་དེ་ལྟ་བུ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། རབ་འབྱོར་དེའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་འདི་ནི་འགོ་བ་{མྱེད་,མེད་}པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་འདུ་ཤེས་པ་ཡང་
{མྱི་,མི་}བྱེད་ལ་དེ་ལྟར་{མྱི་,མི་}རྟོག་ཅིང་དེ་ལྟར་{མྱི་,མི་}{དམྱིགས་,དམིགས་}ཏེ། དེ་ལྟར་འཕྲོ་བར་ཡང་{མྱི་,མི་}བྱེད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པའོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པའོ། །
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D8
- 德格版页
- 337b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0008 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。