完整藏文原文 · 德格版页 当前仅加载第 21 函德格 159a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་ཕྱིར་སྲིད་པ་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་སྐྱེ་བ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
D8.021.0159a01.01འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན། བདག་རྣམ་པར་དག་པས། སྐྱེ་བ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་
D8.021.0159a02.01ཕྱིར་སྐྱེ་བ་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་རྒ་ཤི་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་
D8.021.0159a03.01ལྡན་འདས་ཅིའི་སླད་དུ་ན། བདག་རྣམ་པར་དག་པས། རྒ་ཤི་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་ཕྱིར་རྒ་ཤི་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་
D8.021.0159a04.01ལྡན་འདས་བདག་རྣམ་པར་དག་པའི་སླད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས།
D8.021.0159a05.01སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་{མྱེད་,མེད་}པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པ་ནི་ཤིན་ཏུ་རྣམ་པར་དག་པའོ། །གསོལ་པ། བཅོམ་ལྡན་འདས་བདག་
D8.021.0159a06.01རྣམ་པར་དག་པའི་སླད་དུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས། ཚུལ་
D8.021.0159a07.01