完整藏文原文 · 德格版页 当前仅加载第 21 函德格 129a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །མངོན་པར་ཤེས་པ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ཏིང་ངེ་འཛིན་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །
D8.021.0129a01.01གཟུངས་ཀྱི་སྒོ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །{མྱི་,མི་}འཇིགས་པ་བཞི་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་
D8.021.0129a02.01བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །སྙིང་རྗེ་ཆེན་པོ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
D8.021.0129a03.01{བཅྭོ་,བཅོ་}བརྒྱད་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་
D8.021.0129a04.01བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །དགྲ་བཅོམ་པ་ཉིད་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །རང་བྱང་ཆུབ་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་
D8.021.0129a05.01གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཕོ་བ་{མྱེད་,མེད་}ཅིང་ཉིང་གི་མཚམས་སྦྱོར་བ་{མྱེད་,མེད་}པ་ནི་རྣམ་པར་དག་པའོ། །
D8.021.0129a06.01གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་གང་ལ་ཀུན་ནས་ཉོན་མོངས་པ་མ་
D8.021.0129a07.01