完整藏文原文 · 德格版页 当前仅加载第 21 函德格 217a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་སྙོམས་པར་འཇུག་པ་དགུ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བདག་ཅེས་བྱ་བ་འམ།
D8.021.0217a01.01བདག་{མྱེད་,མེད་}ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྡུག་ཅེས་བྱ་བ་འམ། {མྱི་,མི་}སྡུག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན།
D8.021.0217a02.01གང་རྟག་པ་འམ་{མྱི་,མི་}རྟག་པ་འམ། བདེ་བ་འམ། སྡུག་བསྔལ་བའམ། བདག་གམ་བདག་{མྱེད་,མེད་}པ་འམ། སྡུག་པ་འམ་{མྱི་,མི་}སྡུག་པར་འགྱུར་བ་དེ་ལྟ་བུའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་{མྱེད་,མེད་}དོ། །གལ་ཏེ་རྣམ་པར་ཐར་པའི་
D8.021.0217a03.01སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་ལ་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་རྟག་ཅེས་བྱ་བ་འམ། {མྱི་,མི་}རྟག་ཅེས་བྱ་
D8.021.0217a04.01བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །
D8.021.0217a05.01གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་བདག་ཅེས་བྱ་བ་འམ། བདག་{མྱེད་,མེད་}ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གལ་ཏེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་
D8.021.0217a06.01མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་སྡུག་ཅེས་བྱ་བ་འམ། {མྱི་,མི་}སྡུག་ཅེས་བྱ་བར་{མྱི་,མི་}སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་རྟག་པ་འམ་{མྱི་,མི་}རྟག་པ་འམ། བདེ་བ་འམ་སྡུག་བསྔལ་བ་འམ། བདག་གམ་
D8.021.0217a07.01