藏传佛教 · 德格甘珠尔 · 二万五千颂般若

德格《甘珠尔》D9第 26 函 · 德格 273a

shes rab kyi pha rol tu phyin pa stong phrag nyi shu lnga pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D9
返回文本目录:《shes rab kyi pha rol tu phyin pa stong phrag nyi shu lnga pa/》
德格《甘珠尔》D9藏文原典完整藏文原文 · 德格版页

shes rab kyi pha rol tu phyin pa stong phrag nyi shu lnga pa/

当前为德格木刻版 273a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
273a
可引用原文
7 行
全文规模
全经 16133 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 4 函第 26 函 · 德格 273a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

པར་འགྱུར་བ་མེད་དོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། ཐེག་པ་དེས་སུ་ཡང་འབྱུང་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་འབྱུང་བར་འགྱུར་བ་དང་། གང་གིས་འབྱུང་བར་འགྱུར་བ་དང་། གང་ནས་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་མེད་ཅིང་མི་དམིགས་ན། ཆོས་གང་ཞིག་ཆོས་གང་གིས་འབྱུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན།

རབ་འབྱོར་དེ་ནི་འདི་ལྟར་བདག་ཤིན་དུ་རྣམ་པར་དག་པ་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །མཐའ་ལས་འདས་པས་བདག་{དམྱིགས་,དམིགས་}སུ་མེད་དོ། །མཐའ་ལས་འདས་པས་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་།

ཤེས་པ་པོ་དང་། མཐོང་བ་པོ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། ཆོས་ཀྱི་དབྱིངས་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། ཕུང་པོ་རྣམས་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། སྐྱེ་མཆེད་དང་། ཁམས་རྣམས་{དམྱིགས་,དམིགས་}སུ་མེད་དོ། ཤིན་དུ་རྣམ་པར་དག་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་

པར་དག་པའི་ཕྱིར། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་{དམྱིགས་,དམིགས་}སུ་མེད་དོ། །ཤིན་དུ་རྣམ་པར་དག་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D9
德格版页
273a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0009 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。