藏传佛教 · 德格甘珠尔 · 二万五千颂般若

德格《甘珠尔》D9

shes rab kyi pha rol tu phyin pa stong phrag nyi shu lnga pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D9

完整藏文原文 · 德格版页 当前仅加载第 26 函德格 112b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཟུགས་མཚན་མ་ཡོད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་མཚན་མ་མེད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་སྨོན་པ་ཡོད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་སྨོན་པ་མེད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། དེ་བཞིན་དུ། ཚོར་བ་དང་།

D9.026.0112b01.01
2

འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་མི་རྟག་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་བདེ་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་སྡུག་བསྔལ་བའི་ཚིག་{བླ་དགས་,བླ་དྭགས་}

D9.026.0112b02.01
3

མ་ཡིན། རྣམ་པར་ཤེས་པ་བདག་ཡོད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་བདག་མེད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་ཞི་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་མ་ཞི་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་

D9.026.0112b03.01
4

པ་སྟོང་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་མི་སྟོང་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་མཚན་མ་ཡོད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་མཚན་མ་མེད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་སྨོན་པ་ཡོད་པའི་

D9.026.0112b04.01
5

ཚིག་{བླ་དགས་,བླ་དྭགས་}མ་ཡིན། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གཟུགས་ཤིན་དུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་

D9.026.0112b05.01
6

ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། ཚོར་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། འདུ་ཤེས་ཤིན་དུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་

D9.026.0112b06.01
7

འདུ་ཤེས་ཀྱི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། འདུ་བྱེད་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་ཀྱི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པ་ཤིན་དུ་མ་མཆིས་ཤིང་མི་དམིགས་ན། བྱང་

D9.026.0112b07.01