完整藏文原文 · 德格版页 当前仅加载第 26 函德格 112a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་ཡོད་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་འམ།
D9.026.0112a01.01གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྨོན་པ་མེད་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་
D9.026.0112a02.01འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྨོན་པ་ཡོད་པ་དང་། ཚོར་བ་སྨོན་པ་མེད་པ་དང་། འདུ་ཤེས་སྨོན་པ་ཡོད་པ་དང་། འདུ་ཤེས་སྨོན་པ་མེད་པ་དང་།
D9.026.0112a03.01འདུ་བྱེད་སྨོན་པ་ཡོད་པ་དང་། འདུ་བྱེད་སྨོན་པ་མེད་པ་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་པ་དང་། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
D9.026.0112a04.01རབ་འབྱོར་ཁྱོད་དོན་གྱི་དབང་ཅི་ཞིག་ལ་བརྟེན་ནས། འདི་སྐད་དུ་གཟུགས་ཀྱི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་
D9.026.0112a05.01ཡིན་ཞེས་ཟེར། དེ་བཞིན་དུ་གཟུགས་རྟག་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་མི་རྟག་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་བདེ་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་སྡུག་བསྔལ་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་བདག་ཡོད་པའི་
D9.026.0112a06.01ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་བདག་མེད་པའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་ཞི་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་མ་ཞི་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་སྟོང་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན། གཟུགས་མི་སྟོང་བའི་ཚིག་{བླ་དགས་,བླ་དྭགས་}མ་ཡིན།
D9.026.0112a07.01