藏传佛教 · 德格甘珠尔 · 二万五千颂般若

德格《甘珠尔》D9第 26 函 · 德格 94a

shes rab kyi pha rol tu phyin pa stong phrag nyi shu lnga pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D9
返回文本目录:《shes rab kyi pha rol tu phyin pa stong phrag nyi shu lnga pa/》
德格《甘珠尔》D9藏文原典完整藏文原文 · 德格版页

shes rab kyi pha rol tu phyin pa stong phrag nyi shu lnga pa/

当前为德格木刻版 94a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
94a
可引用原文
7 行
全文规模
全经 16133 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函目录 · 4 函第 26 函 · 德格 94a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

ངོ་། །སྣའི་རྣམ་པར་ཤེས་པ་ཞེས་བྱ་བ་འཁོར་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པ་ཞེས་བྱ་བ་འཁོར་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་ཡང་

སྣ་དང་། དྲི་དང་། སྣའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་འབྱུང་ཞེས་བྱ་བ་དེ་ཡང་རྟག་པ་དང་། མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་ཡོད་པ་དང་། སྨོན་པ་མེད་པ་དང་། འདུས་བྱས་དང་། འདུས་

མ་བྱས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། སྐྱེ་བ་དང་འགག་པ་དང་། དབེན་པ་དང་། མི་དབེན་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེ་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་

སུ་མི་མཐོང་ངོ་། །ལྕེ་ཞེས་བྱ་བ་མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེ་ཞེས་བྱ་བ་འཁོར་བའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོ་ཞེས་བྱ་བ་རྟག་པར་ཡང་དག་པར་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D9
德格版页
94a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0009 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。