'dul ba gzhung bla ma/
当前为德格木刻版 78b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 78b
- 可引用原文
- 7 行
- 全文规模
- 全经 1271 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函页目录第 12 函 · 德格 78b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文གང་ཟག་ལ་བསྔོས་སོ་ཞེས་མཆི་ཡང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ། རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ། སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་རྔ་བལ་དང་།བ་ལང་གི་སྤུ་དང་། {རི་དགས་,རི་དྭགས་}ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་ཀྱི་སླད་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་བྱས་
སོ། །བཙུན་པ་རེ་ཞིག་དགེ་འདུན་གྱི་ཆོས་གོས་ཁྲུ་གང་བ་མ་འཚལ་བ་ཞིག་རྙེད་པར་གྱུར་ཏེ། དེ་ལ་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་པ་མ་གཏོགས་པ་དེ་ལས་གཞན་པའི་རྙེད་པ་རྣམས་ཀྱི་སླད་དུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས།
ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་འདུན་གྱིས་དགེ་སློང་དེའི་མངོན་སུམ་དུ་མ་བབ་པར་ཆོས་གོས་སྩོལ་བར་གྱུར་པ་ལས། དེའི་འོག་ཏུ་མཆིས་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་བསླབ་པ་སྩལ་བས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་
པ་རེ་ཞིག་དགེ་སློང་མས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ་ཞེས་མཆི་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D7
- 德格版页
- 78b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0007 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。