藏传佛教 · 德格甘珠尔 · 续部

德格《甘珠尔》D506

'phags pa nor bu chen po rgyas pa'i gzhal med khang shin tu rab tu gnas pa gsang ba dam pa'i gsang ba'i cho ga zhib mo'i rgyal po zhes bya ba'i gzungs/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D506

完整藏文原文 · 德格版页 当前仅加载第 87 函德格 299b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དམ་པའི་གཟུངས་འདི་བཀའ་སྩལ་པ་ནས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་སོ། །རིན་པོ་ཆེའི་ཆར་ཆེན་པོ་བབ་པར་གྱུར་ཏོ། །མེ་ཏོག་གི་ཆར་ཆེན་པོ་བབ་བོ། །འཁོར་ཐམས་ཅད་ཀྱང་འདུས་ཏེ་ཐམས་ཅད་ཀྱིས་ཅ་ཅོ་དང་། གཞའི་སྒྲ་ཕྱུང་ནས་ཐམས་ཅད་ས་བཅུ་ལ་གནས་

D506.087.0299b01.01
2

པར་གྱུར་ཏོ། །ཐམས་ཅད་དགེ་བའི་ཆོས་དང་ལྡན་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས། ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ་གང་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་གཟུངས་འདི་ལྟ་བུ་གསུངས་པ་ལེགས་སོ་ལེགས་སོ། །ཐོས་

D506.087.0299b02.01
3

པ་ཙམ་གྱི་མོད་ལ་སྡིག་པ་དང་། ངན་འགྲོ་ཐམས་ཅད་འཇིག་པར་འགྱུར་རོ། །གཟུངས་འདི་དྲན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྷའི་ན་བཟའ་དང་། བདུག་པ་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པས་མཆོད་པར་འགྱུར་རོ། །བཀླགས་པ་ཙམ་

D506.087.0299b03.01
4

གྱི་མདོ་ལ་ཕྱིར་མི་ལྡོག་པར་གྱུར་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསོད་ནམས་མངོན་པར་འདུ་བྱེད་པ། བསྐལ་པའམ། བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་

D506.087.0299b04.01
5

ངམ། བསྐལ་པ་བརྒྱ་སྟོང་དུ་ཡང་བརྗོད་པར་མི་སྤྱོད་དེ། དེ་ལྟར་གཟུངས་འདི་ཕན་ཡོན་ཆེ་བ་ལགས་སོ། །བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུས་ཏེ། བགེགས་ཀྱིས་བྱ་བར་མ་ཡིན། ཕྱིར་རྒོལ་བས་མ་ཡིན། མི་མཛའ་བས་མ་ཡིན། འབྱུང་པོས་མ་

D506.087.0299b05.01
6

ཡིན། གདོན་གྱིས་མ་ཡིན། གནོད་སྦྱིན་གྱིས་མ་ཡིན། སྲིན་པོས་མ་ཡིན། མི་དང་མི་མ་ཡིན་པས་གླགས་རྙེད་པར་མི་འགྱུར་རོ། །དེའི་དགེ་བའི་རྩ་བ་མང་དུ་འཕེལ་བར་འགྱུར། ལན་ཅིག་དྲན་པ་ཙམ་གྱིས་ཀྱང་དེ་ལྟར་ཡོན་ཏན་གྱི་ཕན་ཡོན་མང་པོར་འགྱུར་ན་ཤིན་ཏུ་བྱ་བ་མང་པོ་

D506.087.0299b06.01
7

བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་སེམས་ཅན་དེ་

D506.087.0299b07.01