藏传佛教 · 德格甘珠尔 · 二万五千颂般若

德格《甘珠尔》D9

shes rab kyi pha rol tu phyin pa stong phrag nyi shu lnga pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D9

完整藏文原文 · 德格版页 当前仅加载第 27 函德格 227b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་པ་ཕྱི་མའི་མཐར་མི་དམིགས་སོ། །རྣམ་པར་ཤེས་པ་དབུས་སུ་མི་དམིགས་སོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་སྔོན་གྱི་མཐར་མི་དམིགས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཕྱི་མའི་མཐར་མི་དམིགས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དབུས་སུ་

D9.027.0227b01.01
2

མི་དམིགས་སོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྔོན་གྱི་མཐར་མི་དམིགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཕྱི་མའི་མཐར་མི་དམིགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་

D9.027.0227b02.01
3

རྩ་བདུན་དབུས་སུ་མི་དམིགས་སོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་

D9.027.0227b03.01
4

པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་སྔོན་གྱི་མཐར་མི་དམིགས་སོ། །མངོན་པར་ཤེས་པ་རྣམས་ཕྱི་མའི་མཐར་མི་དམིགས་སོ། །མངོན་པར་ཤེས་པ་རྣམས་དབུས་སུ་མི་དམིགས་སོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་

D9.027.0227b04.01
5

སྔོན་གྱི་མཐར་མི་དམིགས་སོ། །གཟུངས་ཀྱི་སྒོ་རྣམས་ཕྱི་མའི་མཐར་མི་དམིགས་སོ། །གཟུངས་ཀྱི་སྒོ་རྣམས་དབུས་སུ་མི་དམིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་

D9.027.0227b05.01
6

པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་སྔོན་གྱི་མཐར་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཕྱི་མའི་མཐར་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་དབུས་སུ་མི་དམིགས་སོ། །རྣམ་པ་

D9.027.0227b06.01
7

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྔོན་གྱི་མཐར་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཕྱི་མའི་མཐར་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབུས་སུ་མི་དམིགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་

D9.027.0227b07.01