完整藏文原文 · 德格版页 当前仅加载第 20 函德格 207a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། རྣམ་པར་ཐར་པ་བརྒྱད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་པས།
D8.020.0207a01.01མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་དག་པ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། མཐར་ཀྱིས་གནས་པའི་
D8.020.0207a02.01སྙོམས་པར་འཇུག་པ་དགུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡོངས་སུ་དག་པ།
D8.020.0207a03.01རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་སྨོན་པ་
D8.020.0207a04.01{མྱེད་,མེད་}པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་པས། མངོན་པར་ཤེས་པ་ཡོངས་སུ་དག་པ། མངོན་པར་ཤེས་པ་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་
D8.020.0207a05.01དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། མངོན་པར་ཤེས་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་པས། ཏིང་ངེ་འཛིན་ཡོངས་སུ་དག་པ།
D8.020.0207a06.01ཏིང་ངེ་འཛིན་ཡོངས་སུ་དག་པས། མཐོང་བ་པོ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །མཐོང་བ་པོ་ཡོངས་སུ་དག་
D8.020.0207a07.01