藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 20 函德格 124b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཆེན་པོ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། བྱམས་པ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་མི་དད་དོ། །སྲོག་ཡོངས་སུ་དག་པས། སྙིང་རྗེ་ཆེན་པོ་ཡོངས་སུ་

D8.020.0124b01.01
2

དག་པ། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་མི་དད་དོ། །སྲོག་ཡོངས་སུ་དག་པས། སངས་རྒྱས་ཀྱི་

D8.020.0124b02.01
3

ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}

D8.020.0124b03.01
4

དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་མི་དད་དོ། །སྲོག་ཡོངས་སུ་དག་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། རྒྱུན་ཏུ་ཞུགས་

D8.020.0124b04.01
5

པའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྲོག་ཡོངས་སུ་དག་པས། ལན་ཅིག་ཕྱིར་འོང་པའི་འབྲས་བུ་ཡོངས་སུ་དག་པ། ལན་ཅིག་ཕྱིར་འོང་པའི་འབྲས་བུ་ཡོངས་སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ།

D8.020.0124b05.01
6

དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་མི་དད་དོ། །སྲོག་ཡོངས་སུ་དག་པས། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོངས་སུ་དག་པ། ཕྱིར་མི་འོང་བའི་འབྲས་བུ་ཡོངས་

D8.020.0124b06.01
7

སུ་དག་པས། སྲོག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྲོག་ཡོངས་སུ་དག་པ་དང་། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་མི་དད་དོ། །སྲོག་ཡོངས་སུ་དག་པས། དགྲ་བཅོམ་པ་ཉིད་ཡོངས་སུ་དག་པ།

D8.020.0124b07.01