藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 20 函德格 63b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱེད་པ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། བྱེད་པ་པོ་རྣམ་པར་དག་པ་སྟེ། དེ་ལྟར་ན་བྱེད་པ་པོ་རྣམ་པར་དག་པ་དང་། དྲན་པ་ཉེ་བར་

D8.020.0063b01.01
2

གཞག་པ་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཚོར་བ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཚོར་བ་པོ་རྣམ་

D8.020.0063b02.01
3

པར་དག་པ་སྟེ། དེ་ལྟར་ན་ཚོར་བ་པོ་རྣམ་པར་དག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །ཤེས་པ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམ་པར་

D8.020.0063b03.01
4

དག་པ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཤེས་པ་པོ་རྣམ་པར་དག་པ་སྟེ། དེ་ལྟར་ན་ཤེས་པ་པོ་རྣམ་པར་དག་པ་དང་། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}

D8.020.0063b04.01
5

དད་དོ། །མཐོང་བ་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ། དྲན་པ་ཉེ་བར་གཞག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི། མཐོང་བ་པོ་རྣམ་པར་དག་པ་སྟེ། དེ་ལྟར་ན་མཐོང་བ་པོ་རྣམ་པར་དག་པ་དང་། དྲན་པ་

D8.020.0063b05.01
6

ཉེ་བར་གཞག་པ་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བདག་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམ་པར་དག་པ། ཡང་དག་པར་སྤོང་བ་རྣམ་པར་དག་པ་གང་ཡིན་པ་དེ་ནི། བདག་རྣམ་པར་

D8.020.0063b06.01
7

དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་། ཡང་དག་པར་སྤོང་བ་རྣམ་པར་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སེམས་ཅན་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམ་པར་དག་པ། ཡང་དག་

D8.020.0063b07.01