drag sngags 'dus pa rdo rje rtsa ba'i rgyud ces bya ba/
当前为德格木刻版 254b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 254b
- 可引用原文
- 7 行
- 全文规模
- 全经 206 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函页目录第 99 函 · 德格 254b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文བྷནྡྷ་ཙིཏྟ་གཡས་གཡོན་བསྣམས། །ཐུགས་ཀྱི་དབང་རྟགས་དང་པོས་གཟུང་། །ཐུགས་རྗེ་མི་འགྱུར་མཐིང་ནག་མདོག །མི་འཇིགས་རིག་པར་མནན་པའི་ཞབས། །བདུད་བཞི་ཕྱོགས་དང་བཅས་པ་གནོན། །མ་ལུས་དབང་དུ་སྡུད་པའི་ཕྱིར། །རལ་པ་ཁམ་ནག་སྲིད་རྩེར་འབར། །འབར་བའི་སྤྱན་གྱིས་ཁམས་གསུམ་གཟིགས། །གདངས་པའི་ཤངས་ཀྱིས་སྲིད་གསུམ་རྔུབ། །ཤངས་ཀྱི་རླུང་སྒྲས་སྟོང་གསུམ་ཁྱབ། །རྣོ་དཔལ་ཚེམས་ཀྱིས་གདུག་པ་སྒྲོལ། །ལྗགས་འདྲིལ་རྐན་སྒྲ་དྲག་པོར་བརྡེབས། །ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད། །
དཔའ་བའི་ཆས་ཀྱིས་རབ་ཏུ་བརྒྱན། །བསྲུང་བའི་ལྷ་རྣམས་སྐུ་ལ་རྫོགས། །སྟོབས་ལྡན་དེ་ཉིད་མཉེས་མཛད་པའི། །འབྱུང་བ་ཆེ་ལ་དབང་སྒྱུར་མ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་མ། །གྲི་གུག་ཏྲི་ཤཱུལ་བདུད་རྩི་གཡས། །བྷནྡྷ་ཞིང་ཆེན་གཡང་གཞི་གཡོན། །གཙོ་བདག་ཚུལ་འཛིན་རབ་ཏུ་སྒེག །དགྱེས་མཛད་རབ་ཏུ་རོལ་པ་ལས། །འདུལ་བྱེད་སྤྲུལ་པ་རབ་ཏུ་འཕྲོ། །ཕྱོགས་བཅུ་འཇིག་རྟེན་ཁམས་ཀུན་གྱི། །གཏུམ་པོ་གདུག་པའི་ཚུལ་འཆང་བའི། །དྲག་སྔགས་བདག་པོ་མ་ལུས་ཀུན། །རང་ཉིད་སོ་སོའི་འཁོར་བཅས་པའི། །
བརྟེན་དང་གནས་ལ་རེ་རེར་སྣང་། །རང་དབང་མེད་པར་འདུད་ཅིང་གཡོ། །ཨོྃ་བཛྲ་སརྦ་དུཥྚཱ་ན་ཨེ་ཀ་ཡ་མ་མ་བྷེ་ར་བྷ་གྲྀ་ཧྞ་ཧཱུྃ་ཕཊ། བདུད་དང་གཤིན་རྗེ་སྲིན་པོ་དང་། །གནོད་སྦྱིན་ལྷ་དང་ལོག་ལྟ་ཅན། །རྨུ་རྗེ་ཆེ་དང་ཕྱི་རོལ་ཕྱོགས། །གདུག་བྱེད་མཁའ་ལ་རྒྱུ་བ་དང་། །བྱོལ་སོང་ལྟོས་འགྲོ་ལུས་འཛིན་དང་། །ང་རྒྱལ་འཆང་དང་སྤྲུལ་པ་ཅན། །མཐའ་འཁོབ་གནས་མཐའ་མ་ལུས་རྒྱུ། །ལྷ་བདུད་མི་མ་ཡིན་གྱི་གནས། །ཁ་བ་ཅན་དུ་ཕྱོགས་ཤིང་བསྲེག །ལས་ཀྱི་ལུས་ཀྱི་ནུས་པ་འབྱིན། །མ་ལུས་པ་རྣམས་ཐམས་ཅད་ཀུན། །ཤུགས་
དག་རླུང་གིས་བསྐྱོད་པ་བཞིན། །རབ་ཏུ་འདར་ཞིང་མདུན་དུ་གནས། །ཐུགས་རྗེ་བདག་པོས་དགོངས་མཛད་ཀྱང་། །གཏུམ་རྔམ་འཇིགས་བྱེད་ཆེན་པོའི་སྐུ། །གསང་ཚིག་དྲག་པོ་གསུང་གི་སྒྲས། །མ་ལུས་ཚིམ་པར་བཀའ་སྩལ་པ། །ཨེ་མ་འཇིག་རྟེན་ཁམས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D843
- 德格版页
- 254b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0844 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。