'phags pa byams pa'i smon lam/
当前为德格木刻版 267a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 267a
- 可引用原文
- 5 行
- 全文规模
- 全经 16 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函页目录第 101 函 · 德格 267a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ས་འམ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །བཟོད་པ་འམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང་། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་
བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དང་ཡང་། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང་། །འོད་དང་གཟི་བརྗིད་འབར་བ་དང་། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གི་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱད་པ་སྤྱད་བྱེད་ཅིང་། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །
ས་བཅུ་པོ་ལ་རབ་ཏུ་གནས། །འཕགས་པ་བྱམས་པའི་སྨོན་ལམ་རྫོགས་{སྷོ,སོ}།།
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D1096
- 德格版页
- 267a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RT3712 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。