藏传佛教 · 德格甘珠尔 · 陀罗尼集

德格《甘珠尔》D1083第 101 函 · 德格 247b

'phags pa ro langs bdun pa zhes bya ba'i gzungs/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D1083
返回文本目录:《'phags pa ro langs bdun pa zhes bya ba'i gzungs/》
德格《甘珠尔》D1083藏文原典完整藏文原文 · 德格版页

'phags pa ro langs bdun pa zhes bya ba'i gzungs/

当前为德格木刻版 247b。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
247b
可引用原文
5 行
全文规模
全经 53 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函页目录第 101 函 · 德格 247b
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

༄༅། །རྒྱ་གར་སྐད་དུ། ཨཱ་རྱ་སབྟ་པེ་ཏཱ་ཌ་ཀ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཡང་ཐབས་ཅིག་གོ། །དེའི་ཚེ་ན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་རྣམས་ཀྱིས་བཅོམ་ལྡན་འདས་

ལ་གནོད་པ་བྱ་བའི་ཕྱིར། རོ་ལངས་ཆེན་པོ་བདུན་བཏང་བར་གྱུར་ཏོ། །དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས་དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་དོ། །དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་ནས་དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་ལུས་ལ་རེག་གོ། །རེག་མ་ཐག་ཏུ་ཀུན་དགའ་བོ་དེ་སྡུག་བསྔལ་མི་བཟད་པ། དྲག་པ་ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D1083
德格版页
247b
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0610 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。