ye shes skar mda'i snying po/
当前为德格木刻版 240a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 240a
- 可引用原文
- 5 行
- 全文规模
- 全经 5 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函页目录第 101 函 · 德格 240a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་ཛྙཱ་ཉཱ་བ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་ར་སྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛ་ལ་ནི་ཧཱུྃ། འབབ་ཆུ་འམ། མཚོའི་འགྲམ་དུ་འདུག་སྟེ། ལག་པ་གཡས་པའི་ཁྱོར་བར་ཆུ་བླུགས་ལ། ཡེ་ཤེས་སྐར་མདའི་སྙིང་པོ་འདི་ལན་བདུན་བཟླས་ཏེ། ཆུ་ཁྱོར་བ་བདུན་འབབ་ཆུའམ། ཆུར་གཏོར་ན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་{ཡི་དགས་,ཡི་དྭགས་}ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ལྷའི་ཁ་ཟས་ཀྱི་རོ་དང་། བཏུང་བའི་རོ་མཆོག་དང་ལྡན་པ་འཐོབ་ཅིང་
{ཡི་དགས་,ཡི་དྭགས་}རེ་རེ་ལ་ཡང་ཁ་ཟས་དང་། བཏུང་བ་ཡུལ་མ་ག་དྷཱའི་བྲེ་བདུན་བདུན་གྱིས་ཚིམ་པར་བྱས་པར་འགྱུར་ཞིང་། ཆུ་དེ་འཐུངས་པ་ཙམ་གྱིས་དེ་དག་ཐམས་ཅད་{ཡི་དགས་,ཡི་དྭགས་}ཀྱི་སྐྱེ་གནས་ལས་ཐར་ཅིང་། བདེ་འགྲོ་མཐོ་རིས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །སྐྱེས་པའམ།བུད་མེད་དམ། ཁྱེའུ་འམ། བུ་མོའམ། གཞན་ཡང་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་{རི་དགས་,རི་དྭགས་}སམ། བྱ་འམ། ཆུ་ན་གནས་པ་ལ་སོགས་པ་གང་གིས་ཆུ་དེ་འཐུངས་པ་དེ་དག་ཐམས་ཅད་སྡིག་པ་དང་། སྒྲིབ་པ་ཐམས་ཅད་བྱང་ཞིང་བདེ་འགྲོའི་ལམ་དུ་འགྲོ་བར་
འགྱུར་རོ། །ཡེ་ཤེས་སྐར་མདའི་སྙིང་པོ་རྫོགས་སོ།།
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D1077
- 德格版页
- 240a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0643 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。