完整藏文原文 · 德格版页 当前仅加载第 100 函德格 244b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
6
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ནནྟ་མུ་ཁ་སཱ་དྷཱ་ཀ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྒོ་མཐའ་ཡས་པས་སྒྲུབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་
D914.100.0244b06.017
སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་ཁང་{བཟངས་,བཟང་}ན། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
D914.100.0244b07.01