完整藏文原文 · 德格版页 当前仅加载第 100 函德格 147a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། དབུའི་གཙུག་ཏོར་གྱི་གསེབ་ཏུ་ཞུགས་སོ། །འོད་ཟེར་དེ་དག་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་
D885.100.0147a01.01ཚངས་པའི་གསུང་དབྱངས་ཆེན་པོས་བཀང་ནས་རིག་སྔགས་ཆེན་མོ་འདི་གསུངས་སོ། །ཨོྃ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱིཔྟ། ཛྭཱ་ལ་ཛྭཱ་ལ། དྷརྨ་དྷཱ་ཏུ་གརྦྷེ། མ་ཎི་མ་ཎི་མ་ཧཱ་མ་ཎི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཎི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་
D885.100.0147a02.01འདི་གསུངས་མ་ཐག་ཏུ་རི་དང་། ཚལ་དང་། ནགས་ཚལ་དུ་བཅས་པའི་ས་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ་ཁྱོད་ཀྱིས་མཆོག་ཏུ་གསང་བ་འདི་གསུངས་པ་ནི་ལེགས་
D885.100.0147a03.01པར་གསུངས་ཏེ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར། འཛམ་བུ་ཆུ་བོའི་གསེར་ལས་བྱུང་བའི་སྤྲིན་ཆེན་པོ་ནམ་མཁའི་དཀྱིལ་དུ་ཆགས་སོ། །ཕྱོགས་བཅུ་ཀུན་དུ་རིན་པོ་ཆེ་སྣ་བདུན་གྱི་ཆར་བབ་བོ། །ཙནྡན་སྦྲུལ་གྱི་སྙིང་པོའི་ཕྱེ་
D885.100.0147a04.01མའི་ཆར་ཡང་བབ་བོ། །ཨུ་དུམ་བཱ་རའི་མེ་ཏོག་གི་ཆར་བབ་བོ། །བཅོམ་ལྡན་འདས་ལ་མཆོད་པའི་ལས་ཀྱི་ཕྱིར། གཞན་ཡང་མེ་ཏོག་སྣ་ཚོགས་པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། དྲི་ངད་ལྡང་བ་དང་། མན་དཱ་ར་བ་དང་། མན་
D885.100.0147a05.01དཱ་ར་བ་ཆེན་པོ་དང་། མེ་ཏོག་མདོག་མཛེས་དང་། མདོག་མཛེས་ཆེན་པོ་དང་། མཉྫུ་ཥ་ཀ་དང་། མཉྫུ་ཥ་ཀ་ཆེན་པོ་དང་། ཡིད་འོང་དང་། པ་རི་ཥ་ཀ་དང་། མེ་ཏོག་ཙམ་པ་ཀའི་ཆར་དག་བབ་བོ། །བདུད་ཀྱི་གནས་ཐམས་ཅད་ཀྱང་རབ་ཏུ་འབར་
D885.100.0147a06.01བར་གྱུར་ཏེ། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་སྐྲག་ཅིང་རྨོངས་པར་གྱུར་ཏོ། །བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི་ལུས་རྔུལ་ཅིང་། ལུས་དྲི་མི་ཞིམ་པར་གྱུར་ནས་ཕྱོགས་བཅུར་རབ་ཏུ་འབྲོས་པར་བརྩམས་སོ། །སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་
D885.100.0147a07.01