完整藏文原文 · 德格版页 当前仅加载第 90 函德格 198a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
6
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཛི་གུ་ལི་ནཱ་མ་བིདྱཱ། བོད་སྐད་དུ།
D571.090.0198a06.017
འཕགས་པ་དུག་སེལ་ཅེས་བྱ་བའི་རིག་སྔགས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་
D571.090.0198a07.01