完整藏文原文 · 德格版页 当前仅加载第 89 函德格 15b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
6
འཇམ་དཔལ་ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་། །འཇིག་རྟེན་གཏི་མུག་མུན་སེལ་བ། །འཇམ་
D552.089.0015b06.017
པའི་དབྱངས་ལ་ཕྱག་འཚལ་ལོ། །ཉིད་ཀྱི་མདངས་བཟང་ཚོགས་ཀྱིས་ནི། །ཟླ་བ་རྒྱས་པ་ཟིལ་གནོན་ཞིང་། །མ་རིག་རྣམ་པར་བསལ་གྱུར་པ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །མ་བགྱིས་ཟུར་ཕུད་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་ཞིང་། །
D552.089.0015b07.01