bsod nams kyi stobs kyi rtogs pa brjod pa/
当前为德格木刻版 7b。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 7b
- 可引用原文
- 7 行
- 全文规模
- 全经 288 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函页目录第 76 函 · 德格 7b
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文ནམ། གཞན་ཡང་གང་ཅི་ཡང་རུང་སྟེ་ཅི་འདོད་པ་དེ་དང་དེ་དག་ནམ་མཁའ་ལས་བདག་ལ་འོངས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་དེ། དེས་སེམས་བསྐྱེད་ན་དེ་ལ་འོང་བར་འགྱུར་ལ། སུ་ཡང་དོན་དེ་མི་ཤེས་སོ། །དེས་ཡོ་བྱད་དེ་དག་གིས་སློང་བ་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་ཕྱིར་འདོང་ངོ་། །དེའི་གྲགས་པས་འཛམ་བུའི་གླིང་ཐམས་ཅད་ཀུན་ཏུ་གང་བར་གྱུར་ཏེ། འོག་ཏུ་ཀླུའི་འཇིག་རྟེན་ཐམས་ཅད་ནས་སྟེང་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་སོ། །དེ་ནས་ཕྱིས་རེ་ཞིག་ན་གཞོན་ནུ་བསོད་ནམས་སྟོབས་ཕུ་བོ་
བཞི་དང་ལྷན་ཅིག་ཏུ་འབྱོར་བ་མཆོག་གིས་སྐྱེད་མོས་ཚལ་དུ་འཁྱམ་དུ་དོང་ངོ་། །དེའི་བར་གྱི་ལམ་དུ་{ཡི་དགས་,ཡི་དྭགས་}མཆུ་ཁབ་ཙམ་ལ་ལྟོ་རི་རབ་ཙམ་སྟེ། ཀེང་རུས་བསྒྲེང་བ་འདྲ་ཞིང་ལུས་ཤིན་ཏུ་འབར་བ་ཐལ་མོ་སྦྱར་བ་སྟོང་ཕྲག་དུ་མ་དག་གིས་ཡོངས་སུ་བསྐོར་ཏེ། གཞོན་ནུ་བསོད་ནམས་སྟོབས་མ་གཏོགས་པར་སུས་ཀྱང་{ཡི་དགས་,ཡི་དྭགས་}དེ་དག་མི་མཐོང་ངོ་། །དེ་ནས་{ཡི་དགས་,ཡི་དྭགས་}དེ་དག་གིས་གཞོན་ནུ་བསོད་ནམས་སྟོབས་ལ་སྨྲས་པ། གཞོན་ནུ་ཁྱོད་བསོད་ནམས་ཀྱིས་ཆེ་བར་གྲགས་པ། སྙིང་རྗེ་ཆེན་པོ་ཡིན་ན། བདག་ཅག་བཀྲེས་ཤིང་སྐོམ་པས་ཉམ་
ཐག་པ་རྣམས་ལ་ཟས་དང་སྐོམ་བྱིན་ཅིག །བདག་ཅག་ནི་སེར་སྣའི་དབང་དུ་གྱུར་ཏེ། {ཡི་དགས་,ཡི་དྭགས་}ཀྱི་འཇིག་རྟེན་དུ་སྐྱེས་པས་ལོ་བརྒྱ་ཕྲག་དུ་མར་ཆུ་ཡང་མི་རྙེད་ན་ཁ་ཟས་ལྟ་ག་ལ་མཐོང་། དེ་སྐད་ཅེས་སྨྲས་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱི་སེམས་སྙིང་རྗེས་ཀུན་ཏུ་བསྐྱོད་ནས་སྐྱེན་པར་ནམ་མཁའ་ལ་བལྟས་ཏེ། ཀྱེ་མ་ལྷའི་བཟའ་བ་དང་བཏུང་བ་བདག་ལ་འོངས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་དོ། །དེ་ནས་གློ་བུར་དུ་ལྷའི་བཟའ་བ་དང་བཏུང་བ་ནམ་མཁའ་ལས་འོངས་སོ། །དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་{ཡི་དགས་,ཡི་དྭགས་}རྣམས་
ལྷའི་བཟའ་བ་དང་བཏུང་བས་ཡང་དག་པར་ཚིམ་པར་བྱ་བ་ལ་ཞུགས་སོ། །དེ་ནས་རེ་ཞིག་ན་{ཡི་དགས་,ཡི་དྭགས་}དེ་དག་གིས་སྔོན་གྱི་ལས་ཀྱི་ཉེས་པས་བཟའ་བ་དང་། བཏུང་བ་དེ་དག་མ་མཐོང་ནས་འདི་སྐད་ཅེས་སྨྲས་ཏེ། གཞོན་ནུ་ཁྱོད་སྙིང་རྗེ་ཅན་ཞིག་ཅེས་གྲགས་ན། ཅིའི་ཕྱིར་བདག་ཅག་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D347
- 德格版页
- 7b
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0347 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。