完整藏文原文 · 德格版页 当前仅加载第 72 函德格 163b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
6
༄༅༅། །རྒྱ་གར་སྐད་དུ། ཏ་མོ་བ་ན་མུ་ཁ་ནཱ་མ་སཱུ་ཏྲ། བོད་སྐད་དུ། མུན་གྱི་ནགས་ཚལ་གྱི་སྒོ་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་
D314.072.0163b06.017
པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་དེའི་ཚེ་ངམ་གྲོག་གསུམ་པོ་ཞེས་བྱ་བའི་ལྗོངས་ཀྱི་སྐྱེ་བོ་དག་གི་ནང་ནས་རི་ཁྲོད་ཀྱི་གྲོང་ཞིག་ན། བྲམ་ཟེ་ལ་བ་ཅན་ཞེས་བྱ་བ་སྤུན་བུ་འདོད་པའི་ཕྱིར་བྲམ་ཟེའི་རྡོ་ལེབ་ལ་དཀའ་ཐུབ་བྱེད་དེ།
D314.072.0163b07.01