藏传佛教 · 德格甘珠尔 · 经部

德格《甘珠尔》D305第 72 函 · 德格 131a

mchog tu gdags pa'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D305
返回文本目录:《mchog tu gdags pa'i mdo/》
德格《甘珠尔》D305藏文原典完整藏文原文 · 德格版页

mchog tu gdags pa'i mdo/

当前为德格木刻版 131a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
131a
可引用原文
7 行
全文规模
全经 12 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函页目录第 72 函 · 德格 131a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

འདུ་ཤེས་མེད་པ་ཡང་མ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། །སངས་རྒྱས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་སངས་རྒྱས་མཆོག་ཏུ་

གདགས་པ་ཞེས་བྱའོ། །ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན་པར་བསྟན་ཏོ། །ཆོས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི། མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི། རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་

ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། ཚོགས་སམ། འདུས་པའམ། མང་པོའམ། འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་བསྟན་ཏོ། དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་

མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D305
德格版页
131a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0305 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。