藏传佛教 · 德格甘珠尔 · 经部

德格《甘珠尔》D297第 71 函 · 德格 297a

khams mang po pa'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D297
返回文本目录:《khams mang po pa'i mdo/》
德格《甘珠尔》D297藏文原典完整藏文原文 · 德格版页

khams mang po pa'i mdo/

当前为德格木刻版 297a。藏文 NFD 原样保留,并提供可引用的稳定行号。

本页内容
藏文原典 · 德格版页
德格版页
297a
可引用原文
6 行
全文规模
全经 64 稳定行段
责任者
藏译责任依各经题记;本批次未逐条裁决
正文语种
藏文
权利
Public Domain;保留固定提交、版本边界与来源署名
函页目录第 71 函 · 德格 297a
阅读设置设置会在阅读页间保留

忠实保留藏文原典。藏文 Unicode NFD、德格版页次序与稳定行号保持不变;不加入机器译文。

选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。

我的选文

༄༅༅། །རྒྱ་གར་སྐད་དུ། དྷཱ་ཏུ་བ་ཧུ་ཏ་ཀ་སཱུ་ཏྲ། བོད་སྐད་དུ། ཁམས་མང་པོ་པའི་མདོ།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ། ནང་དུ་ཡང་དག་བཞག་ནས་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་།

འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ཡིན་ནོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་བདག་གཅིག་པུ་དབེན་པར་མཆིས་ཏེ། ནང་དུ་ཡང་དག་བཞག་ན་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ། འདི་ལྟ་བུ་

དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་མ་ལགས་སོ། །ཡམས་ཀྱི་ནད་གང་དག་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི་མཁས་པ་ལས་ནི་

版本与引用信息

母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。

目录
德格目录 D297
德格版页
297a
显示
忠实保留藏文原典·未添加机器译文

研究边界

书目关系边界:BDRC WA0RK0297 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。

归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。