sangs rgyas kyi mtshan lnga stong bzhi brgya lnga bcu rtsa gsum pa/
当前为德格木刻版 33a。藏文 NFD 原样保留,并提供可引用的稳定行号。
- 本页内容
- 藏文原典 · 德格版页
- 德格版页
- 33a
- 可引用原文
- 7 行
- 全文规模
- 全经 1236 稳定行段
- 责任者
- 藏译责任依各经题记;本批次未逐条裁决
- 正文语种
- 藏文
- 权利
- Public Domain;保留固定提交、版本边界与来源署名
函页目录第 67 函 · 德格 33a
选一句,查术语、看异译、问含义或带走引用。选中任意经文,系统会按完整稳定行段取文;问经时不会暗中换经。
我的选文མཱང་ག་ལྱ། ཧིར་ཎྱ་གར་བྷེ་གྷེ་རཏྣ་གར་བྷེ། སརྦ་ཨརྠ་ས་དྷཱ་དྷ་ནི་པ་ར་མ་ར་ཐ་སཱ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ། ཨད་བྷུ་ཏེ། ཨ་ཏྱད་བྷུ་བྷུ་ཏེ། བཱི་ཏ་བྷ་ཡེ། སུ་བརྞེ་པྲཧྨ་གྷོ་ཥེ། པྲ་ཧྨ་ཨདྷུ་ཥེ་ཏེ། སརྦ་ཨ་རྠེ། ཥུད་ཨ་པརཱ་ཛི་ཏེ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏེ། ཙ་ཏུ་ཤིཥྛ་བུདྡྷ་ཀོ་ཊྭི་བྷ་ཥྭཏེ། ནམཿ སརྦ་སིད་དྷི་ནཱ་མ་ཏ་ཐཱ་ག་ཏཱ་ནཱ་ན་སྭཱ་ཧཱ། གཟུངས་འདི་བརྗོད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་ཀྱིས་དེ་ལྟར་འདི་འདྲ་བའི་གཟུངས་སྔགས་ཟབ་མོ་
བརྗོད་པ་ནི་ལེགས་སོ། །གང་གིས་གཟུངས་སྔགས་འདི་འཛིན་ཏམ། ཀློག་གམ། རྟག་ཏུ་རྒྱུན་མི་འཆད་པར་རྒྱས་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་ཕོ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་འོད་གསལ་གྱིས་ལྗགས་ཀྱི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོག་པར་མཛད་ནས་བྱང་ཆུབ་སེམས་དཔའ་དུང་ཕྱུར་ཕྲག་བདུན་ཅུ་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་གང་གིས་གཟུངས་སྔགས་ཀྱི་ཚིག་
འདི་འཆང་བ་དང་། ཀློག་པ་དང་། ཅི་ནུས་སུ་མཆོད་པར་བྱེད་པ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཇི་ལྟར་བསམས་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་དྲི་མེད་འོད་གསལ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གླེང་བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟ་བུར་ན་དེ་བཞིན་གཤེགས་པ་དེ་དག་ལ་མཆོད་པ་བགྱིས་པར་འགྱུར། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཀུན་ཏུ་གླེང་བའི་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
རིགས་ཀྱི་བུ་གང་སུ་ཡང་རུང་སྟེ། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འདོད་ན། ནང་པར་སྔར་ལངས་ཏེ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ། མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པས་ཅི་ནུས་
版本与引用信息
母版来自 Esukhia Digital Derge Kangyur。本页仅重组显示层;藏文 NFD、德格木刻版页与稳定行号均未改动。权利说明:Public Domain;保留固定提交、版本边界与来源署名。
- 目录
- 德格目录 D262
- 德格版页
- 33a
- 显示
- 忠实保留藏文原典·未添加机器译文
研究边界
书目关系边界:BDRC WA0RK0262 作为固定目录作品链接候选;同一链接下的多个德格编号保留为不同文本表达,不进行未经复核的跨传统合并。
归属边界:《甘珠尔》规范位置不自动证明每一项是佛陀逐字亲说;说者、作者、译者和编集责任等待逐条审计。